Blog

Category
Reset

Gandhi Jayanti 2026

SchoolPost
Sparks of dedication and admiration flew around our school as we celebrated the much-awaited Gandhi Jayanti on October 2nd 2026. Led by the school social science committee, students from classes…

ལོ་འཁོར་བོད་སྐད་གཏམ་བརྗོད་གཟིགས་འབུལ།

SchoolPost
ལོ་འཁོར་བོད་སྐད་གཏམ་བརྗོད་གཟིགས་འབུལ། འདི་ལོ་ཕྱི་ཟླ་༩པའི་ཕྱི་ཚེས་༡༨ ཉིན་བོད་ཡིག་ཚན་པའི་ལོ་འཁོར་གཏམ་བརྗོད་གཟིགས་འབུལ་ཡོད་པ་ཡིན།དེ་ཡང་ཟླ་བ་ གཅིག་ཙམ་གྲ་སྒྲིག་དང་སྦྱོང་བརྡར་བརྒྱུད་བོད་གངས་ཅན་ལྗོངས་སུ་རླུང་ལྟར་གྲགས་པ་ཤེས་བྱའི་མཁའ་ལ་ཉི་ཟླའི་འོད་འཕྲོ་བ། མཁས་པའི་གཙུག་རྒྱན་ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གི་མཛད་རྗེས་རྣམ་ཐར་གཟིགས་འབུལ་ལེགས་ གྲུབ་ཞུས་ཡོད་པ་དང་། སྐབས་དེར་དགེ་སློབ་ཀུན་གྱིས་བསྔགས་པའི་ཐལ་མོ་བརྡབ་པ་མ་ཟད། ཆོས་རྗེ་ས་པཎ་དང་འབྲེལ་ བའི་བོད་ཀྱི་ལོ་རྒྱུས་ལ་བློ་སྐྱེེད་ཆེན་པོ་བྱུང་ཡོད་པ་ཡིན།

བོད་ཁྱིམ་སློབ་གྲྭར་རིག་གཞུང་འདུ་འཛོམས་ཆེན་མོ།

SchoolPost
ལོ་ལྟར་བཞིན་འདི་ལོ་ཡང་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་སློབ་གྲྭ་ཁག་གི་རྒྱབ་སྐྱོར་འོག ཕྱི་ལོ་༢༠༢༦ འདི་ཟླའི་ཕྱི་ཚེས་༨ནས་༡༠བར་ཉིན་གསུམ་རིང་རྡ་སྟེང་བོད་ཁྱིམ་སློབ་གྲྭར་རིག་གཞུང་འདུ་འཛོམས་ཆེན་མོ་ཚོགས་ཡོད་པ་དང་། དེའི་ནང་ཆ་ཤས་བླངས་མཁན་སློབ་གྲྭ་བརྒྱད་དང་འཛུལ་ཞུགས་གནང་མཁན་སློབ་མ་གྲངས་༢༠༠ ཙམ་ཡོད་པ་ཡིན། དེ་ནི་སློབ་མ་རྣམས་ལ་ཤེས་བྱ་དང་ཉམས་མྱོང་གྱི་བརྒྱུད་རིམ་གསར་པ་ཞིག་ཡིན་མོད། ལྷག་དོན་སྐབས་དེེར་དབྱིན་བོད་གཉིས་ཐོག་ནས་ཉིན་གསུམ་རིང་བགྲོ་གླེང་དང་། གཏམ་བརྗོད། སྙན་ངག་གྱེར་འདོན། བོད་ཀྱི་སྲོལ་རྒྱུན་འཁྲབ་གཞས་དང་། ཟུང་གཞས་སོགས་གཟིགས་འབུལ་ཞུས་ནས་རྒྱའི་བཙན་གནོན་འོག་ཤོག་བུ་སྣུམ་འཛིན་གྱི་དཔེ་ལྟར་དལ་གྱི་རྩ་བརླག་གཏོང་བཞིན་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་གི་མེས་པོར་སླར་ཡང་དབུགས་དབྱུང་གི་གོ་སྐབས་བཟང་པོ་ཞིག་ཐོབ་ཡོད་པ་ཡིན།

STEM Activity Contest 2026

SchoolPost
Yesterday evening, our students and staff gathered for an engaging showcase highlighting various hands-on STEM projects and activities. From creative problem-solving to scientific exploration, our students demonstrated great curiosity and…

མ་ཎི་མཚན་འདོན།

SchoolPost
ཕྱི་ལོ་༢༠༢༦ ཟླ་བ་༡༠པའི་ཕྱི་ཚེས་༣ ཉིན་ལས་བྱེད་དང་སློབ་ཕྲུག་ལྷན་འཛོམས་ངང་སློབ་གྲྭའི་བློ་གཏེར་ཚོགས་ཁང་ནང་། མ་ཎི་མཚན་འདོན་གོ་སྒྲིག་ཞུས་ཡོད་པ་དང་། མ་ཎི་མཚན་འདོན་ནི་རང་རེའི་བོད་ཀྱི་ཆོས་དང་རིག་གཞུང་གི་ཆ་ཤས་གལ་ཆེན་ཞིག་ཆག་ཡོད་ལ། ཉིན་དེར་ལས་སློབ་ཡོངས་ཀྱིས་སྡིག་སྤོང་དགེ་གྲུབ་ཀྱི་ལས་ལ་འབད་པ་དང་། རང་གི་ཚེ་བསོད་འཕེལ་ཅིང་། མི་ཚེའི་འགལ་རྐྱེན་བར་ཆད་ཞི་བ་མ་ཟད། སླད་ནས་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུ་རུ་འགྲོ་བའི་ཕན་ནུས་རླབས་པོ་ཆེར་འགྱུར་བར་ཚང་མས་ཡིད་ཆེས་དང་དད་པ་བྱེད་བཞིན་ཡོད། དེར་བརྟེན་ལོ་ལྟར་འདི་ག་སློབ་གྲྭའི་ནང་ལའང་རིག་གཞུང་ཚོགས་ཆུང་གི་སྣེ་འཁྲིད་འོག་མཚན་གང་པོར་དུས་ཡུན་རིམ་པ་གསུམ་ལ་དབྱེ་ནས་སྒྲོལ་མ་མཚན་འདོན་ཞུས་པ་ཀྱི་ཡོད་པ་ཡིན།

Menstrual hygiene awareness

SchoolPost
August 28, a menstrual hygiene awareness session was conducted for female students by school health committee’s members . The session focused on understanding periods, maintaining proper personal hygiene during menstruation,…