ལོ་ལྟར་བཞིན་འདི་ལོ་ཡང་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་སློབ་གྲྭ་ཁག་གི་རྒྱབ་སྐྱོར་འོག ཕྱི་ལོ་༢༠༢༦ འདི་ཟླའི་ཕྱི་ཚེས་༨ནས་༡༠བར་ཉིན་གསུམ་རིང་རྡ་སྟེང་བོད་ཁྱིམ་སློབ་གྲྭར་རིག་གཞུང་འདུ་འཛོམས་ཆེན་མོ་ཚོགས་ཡོད་པ་དང་། དེའི་ནང་ཆ་ཤས་བླངས་མཁན་སློབ་གྲྭ་བརྒྱད་དང་འཛུལ་ཞུགས་གནང་མཁན་སློབ་མ་གྲངས་༢༠༠ ཙམ་ཡོད་པ་ཡིན། དེ་ནི་སློབ་མ་རྣམས་ལ་ཤེས་བྱ་དང་ཉམས་མྱོང་གྱི་བརྒྱུད་རིམ་གསར་པ་ཞིག་ཡིན་མོད།
ལྷག་དོན་སྐབས་དེེར་དབྱིན་བོད་གཉིས་ཐོག་ནས་ཉིན་གསུམ་རིང་བགྲོ་གླེང་དང་། གཏམ་བརྗོད། སྙན་ངག་གྱེར་འདོན། བོད་ཀྱི་སྲོལ་རྒྱུན་འཁྲབ་གཞས་དང་། ཟུང་གཞས་སོགས་གཟིགས་འབུལ་ཞུས་ནས་རྒྱའི་བཙན་གནོན་འོག་ཤོག་བུ་སྣུམ་འཛིན་གྱི་དཔེ་ལྟར་དལ་གྱི་རྩ་བརླག་གཏོང་བཞིན་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་གི་མེས་པོར་སླར་ཡང་དབུགས་དབྱུང་གི་གོ་སྐབས་བཟང་པོ་ཞིག་ཐོབ་ཡོད་པ་ཡིན།



