ཕྱི་ལོ་༢༠༢༦ ཟླ་བ་༡༠པའི་ཕྱི་ཚེས་༣ ཉིན་ལས་བྱེད་དང་སློབ་ཕྲུག་ལྷན་འཛོམས་ངང་སློབ་གྲྭའི་བློ་གཏེར་ཚོགས་ཁང་ནང་། མ་ཎི་མཚན་འདོན་གོ་སྒྲིག་ཞུས་ཡོད་པ་དང་། མ་ཎི་མཚན་འདོན་ནི་རང་རེའི་བོད་ཀྱི་ཆོས་དང་རིག་གཞུང་གི་ཆ་ཤས་གལ་ཆེན་ཞིག་ཆག་ཡོད་ལ། ཉིན་དེར་ལས་སློབ་ཡོངས་ཀྱིས་སྡིག་སྤོང་དགེ་གྲུབ་ཀྱི་ལས་ལ་འབད་པ་དང་། རང་གི་ཚེ་བསོད་འཕེལ་ཅིང་། མི་ཚེའི་འགལ་རྐྱེན་བར་ཆད་ཞི་བ་མ་ཟད། སླད་ནས་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུ་རུ་འགྲོ་བའི་ཕན་ནུས་རླབས་པོ་ཆེར་འགྱུར་བར་ཚང་མས་ཡིད་ཆེས་དང་དད་པ་བྱེད་བཞིན་ཡོད། དེར་བརྟེན་ལོ་ལྟར་འདི་ག་སློབ་གྲྭའི་ནང་ལའང་རིག་གཞུང་ཚོགས་ཆུང་གི་སྣེ་འཁྲིད་འོག་མཚན་གང་པོར་དུས་ཡུན་རིམ་པ་གསུམ་ལ་དབྱེ་ནས་སྒྲོལ་མ་མཚན་འདོན་ཞུས་པ་ཀྱི་ཡོད་པ་ཡིན།



