༧རྒྱལ་བའི་སྐུ་ཡི་འཁྲུངས་སྐར།

གནམ་ལ་ཉི་ཟླ་གཉིས། ས་ལ་༧རྒྱལ་བ་པཎ་ཆན་ཟེར་བ་བཞིན། འདི་ལོའི་ཕྱི་ཟླ་༧པའི་ཕྱི་ཚེས་༦ཏེ་༧རྒྱལ་བའི་སྐུ་ཡི་འཁྲུངས་སྐར་ཉིན་འཛམ་གླིང་སྤྱི་དང་ལྷག་པར་འདི་ག་རང་རེའི་སློབ་གྲྭའི་ནང་ཞོགས་པ་སྔ་མོར་༧གོོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པའི་བསངས་གསོལ་རླུང་རྟ་འཐེན་པ་དང་། ཕྱག་ཚོད་༩ པའི་ཐོག་སློབ་གྲྭའི་བློ་གཏེར་ཚོགས་ཁང་ནང་དངོས་གཞིའི་མཛད་སྒོར་དགེ་སློབ་མཉམ་འཛོམས་ངང་། ༧རྒྱལ་བའི་ཞབས་བརྟན་འུར་འདོན་གནང་ཞོར་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་དགེ་སློབ་ཡོངས་ནས་དཀར་གཙང་གི་མཇལ་དར་སྒྲོན་པ་དང་། དེ་རྗེས་སློབ་གྲྭའི་སློབ་སྤྱི་མཆོག་ནས་གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་དགོངས་གཞི་དང་། བོད་མིིའི་གནས་བབ། ལྷག་པར་ཁོང་གི་ཞི་བདེ་དང་བྱམས་བརྩེའི་ལམ་སྟོན་ལ་བརྟེན་ནས། འཛམ་གླིང་སྐྱེ་འགྲོ་ཡོངས་ཡིད་དབང་འཕྲོག་ཅིང་། དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོར་གྲགས་པའི་སྐུ་ཚེའི་འབྱུང་བ་བརྗོད་པ་དང་། དེ་ནས་ཉིན་རྒྱབ་ལས་སློབ་མཉམ་འདུས་ཀྱིས་སྐུ་ཉིད་དགུང་ལོ་༡༡༣ ལྷག་གནས་ཐུབ་དགོངས་གཞི་ཡོད་པ་བཞིན། སློབ་གྲྭའི་ཁོར་ཡུག་ནང་རྩི་ཤིང་མི་འདྲ་བ་༡༡༣ འདེབས་འཛུགས་བྱས་ཡོད་པ་ཡིན། དེ་ནི་དགེ་སློབ་ཀུན་གྱིས་ཁོང་ལ་བཅངས་པའི་བརྩེ་སེམས་དང་། བསྔགས་པའི་སེམས་མཚོན་པ་ཡིན།

Continue Reading༧རྒྱལ་བའི་སྐུ་ཡི་འཁྲུངས་སྐར།

བོད་ལྗོངས་ང་ཚོའི་ཕ་ཡུལ།

དམར་པོའི་སྡེར་མོའི་འོག་ན་རང་ཡུལ་དེ་ཤོར་ཡང་།། མི་ཡུལ་ས་མཐའི་ངོགས་སུ་རེ་བ་ཞིག་བཅངས་ནས།། རིག་གཞུང་སྐད་ཡིག་གཉིས་པོ་སློབ་རྭ་ཡི་ནང་དུ།། གཅེས་སྤྲས་རྒྱུན་འཛིན་གནང་བ་ཕུགས་བསམ་གྱི་རྒྱན་འདུག།། ཞེས་འདི་ལོའི་ཕྱི་ཟླ་༦པའི་ཕྱི་ཚེས་༣ཉིན་སློབ་གྲྭའི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ནོར་བོད་ཀྱི་ཆོས་དང་རིག་གཞུང་དང་། སྲོལ་རྒྱུན་བོད་མི་རིགས་ཀྱི་རིག་གནས་དང་། སྐད་ཡིག གཞས་དང་ཞབས་བྲོ སྙན་ངག་གྱེར་འདོན། དེ་བཞིན་གནའ་བོའི་བོད་ཀྱི་འཚོ་གནས་སྐོར་དང་། སྨན་གཞུང་། ལྷག་པར་༧གོང་ས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་རླབས་ཆེན་ཐུགས་ཀྱི་དགོངས་གཞི་སོགས་ཀྱི་སྐོར་གཏམ་གླེང་ཀྱི་རྣམ་པའི་ཐོག་ནས་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་སྲུང་བརྩི་ལེགས་པར་ཞུས་ཡོད་པ་མ་ཟད། དེ་ནས་ཉིན་རྒྱབ་སློབ་གྲྭའི་བློ་གཏེར་ཚོགས་ཁང་ནང་འཛིན་གྲྭ་ཆ་བགོས་ཀྱི་འགྲེམས་སྟོན་དང་། དགེ་སློབ་ཡོངས་ནས་རང་རང་གི་འདོད་མོས་བཞིན་སྐོར་སྐྱོད་ཀྱིས་དྲི་བའི་བརྒྱུད་ནས་བོད་དང་བོད་མི་རིགས་སྐོར་རྒྱུས་ལོན་གང་མང་གནང་ཐུབ་པ་བྱུང་ཡོད།

Continue Readingབོད་ལྗོངས་ང་ཚོའི་ཕ་ཡུལ།