ཨ་རིའི་རོགས་དངུལ་འོག་ཤེས་རིག་ལས་ཁུངས་དང་བོད་ཀྱི་ཚན་རིག་མཐུན་ཚོགས་མཉམ་འབྲེལ་ཐོག་བོད་རིགས་སེ་ཊེམ་་(STEM) ཆེད་ལས་པ་དང་སློབ་དཔོན། ཚན་རིག་པ་སོགས་རང་ཉིད་ཀྱི་ཉེ་འཁོར་བོད་མིའི་སློབ་གྲྭ་ཁག་ལ་ཆེད་ཕེབས་ཀྱིས། འབྲེལ་འདྲིས་དང་ལམ་སྟོན། འཚོ་བ་དངོས་ཀྱི་ཉམས་མྱོང་བཅས་བརྒྱུད་དེ་བོད་ཀྱི་མི་རབས་རྗེས་མའི་ཁྲོད་སེཊེམ་ཆེད་ལས་པ་སྐྱེད་སྲིང་ཐད། སྐུལ་འདེད་གཏོང་རྒྱུའི་ཆེད་སློབ་གྲྭ་ཁག་ལ་ཚན་རིག་སྐུལ་འདེད་ཀྱི་ལས་གཞི་ཅེས་པ་དང་འབྲེལ། འདི་ག་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ནང་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་བོད་པའི་ཚན་རིག་པ་ན་གཞོན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམ་པ་བསྟན་འཛིན་པ་སངས་ལགས་དང་། བོད་པའི་ཚན་རིག་པ་འབུམ་རམས་པ་སྐལ་བཟང་ཐར་པ་ལགས་རྣམ་གཉིས་ཆེད་ཕེབས་ཀྱིས་ཚན་རིག་དང་ཨང་རྩིས། དེ་བཞིན་རང་སོ་སོའི་ཤེས་ཡོན་གྱི་ཉམས་མྱོང་དང་མི་ཚེ་དངོས་ཀྱི་གདོང་ལེན་བཅས་ཀྱི་སྐོར་ངོ་སྤྲོད་ལས་གཞི་དེ་ལེགས་སྒྲུབ་ཟིན།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed