ཁང་ཚན་བཞིའི་དབར་གཞས་སྣ་འཁྲབ་སྟོན་གནང་བ།
བོད་གངས་ཅན་ལྗོངས་ཀྱི་གནའ་སྲོལ་ཐུན་མོང་མ་ཡིན་པའི་གཞས་དང་ཞབས་བྲོའི་རིག་རྩལ་དག་མི་ཉམས་རྒྱུུན་འཛིན་ཆེད། འདི་ལོ་ཕྱི་ཟླ་༥ཕྱི་ཚེས་ ༢༢ཉིན་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ནང་རྩེད་རིགས་ཚོགས་ཆུང་གི་ལམ་སྟོན་སྣེ་འཁྲིད་འོག གཙོ་བོ་ ཁང་ཚན་བཞིའི་དགེ་རྒན་དང་ཟློས་དགེ་བསྟན་འཛིན་གཞན་ཕན་ལགས་ཀྱི་སློབ་ཁྲིད་འབད་བརྩོན་ལ་བརྟེན་ནས། ཁང་ཚན་བཞིའི་སློབ་མ་༣༠༠ ལྷག་བོད་ཀྱི་ས་གནས་དང་ལུང་ཚན་འདྲ་མིན་གྱི་གཞས་སྣ་འཁྲབ་སྟོན་ནང་མཉམ་ཞུགས་གནང་ཐུབ་པ་བྱུང་བ་མ་ཟད། སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་སྤྱི་ཁྱབ་ཡིག་ཚང་གི་དྲུང་ཆེ་ཟུར་པ་རྒན་ཆོས་དབྱིངས་དོན་གྲུབ་ལགས་དང་། དེ་བཞིན་བོད་ཁྱིམ་དང་སྦིར་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་མང་དུ་ཕེབས་ཐུབ་པ་བྱུང་ཡོད།
དེ་ཡང་། གཞས་སྣ་དབུ་འཛུགས་མ་གནང་གོང་སློབ་གྲྭའི་སློབ་སྤྱི་མཆོག་ནས་སྐུ་མགྲོན་རྣམ་པར་འཚམས་འདྲི་དང་། གཞས་སྣ་དང་འབྲེལ་བའི་སྐོར་སྔོན་འགྲོའི་གསུང་བཤད་གནང་བ་མ་ཟད། དེ་ནས་རིམ་པའི་གཞས་སྣ་གཟིགས་འབུལ་གྲུབ་རྗེས་སྐུ་མགྲོན་གྱི་གཙོ་བོ་རྒན་ཆོས་དབྱིངས་དོན་གྲུབ་ལགས་ནས། གཞས་སྣ་གཟིགས་འབུལ་དང་འབྲེལ་བའི་དགེ་སྐྱོན་སྐོར་ལམ་སྟོན་དང་། ལྷག་པར་དུ་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་དགོངས་གཞི་བཞི། མཇུག་མཐར་གསར་དུ་འབྱོར་བའི་ཧི་མ་ལ་ཡའི་སློབ་ཕྲུག་ཚོའི་ངོས་ནས། ད་ལྟ་དང་མ་འོངས་པར་བོད་ཡིག་དེ་གལ་ཆེར་འཛིན་ནས་འབད་བརྩོན་དགོས་པའི་བཀའ་སློབ་དང་བཅས་གཞས་སྣའི་འཁྲབ་སྟོན་མཇུག་བསྡུས་པའོ།།



