ཕྱི་ལོ་༢༠༢༥ལོའི་བོད་ཁྱིམ་ནང་ཁུལ་རིགས་ལམ་འདུ་འཛོམས་ཆེན་མོ།

ཕྱི་ལོ་༢༠༢༥ལོའི་བོད་ཁྱིམ་ནང་ཁུལ་རིགས་ལམ་འདུ་འཛོམས་ཆེན་མོའི་སྔོན་འགྲོའི་མཛད་སྒོ་དེ། དེ་རིང་ཞོགས་པ་ཆུ་ཚོད་བཅུ་པ་ནས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་བློ་གཏེར་ཚོགས་ཁང་ནང་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གྱི་གཙོ་བོར་དཔལ་ལྡན་རྒྱུད་སྟོད་མཁན་རིན་པོ་ཆེ་མཆོག་གཙོས་པའི་གཞན་ཡང་བོད་ཁྱིམ་མཛད་གཙོ་རྣམ་པ་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྟ་གྲུབ་སློབ་དཔོན་དང་། ལམ་འཁྲིད་དགེ་རྒན་རྣམ་པ། དེ་བཞིན་དངོས་སུ་རིགས་ལམ་ལ་སྦྱངས་པ་བྱེད་བཞིན་པའི་སློབ་ཕྲུག་བཅས་ཁྱོན་མི་༢༠༠ལྷག་འདུས་འཛོམས་བྱས་ནས་རིགས་ལམ་འདུས་འཛོམས་ཆེན་མོའི་སྔོན་འགྲོའི་མཛད་རིམ་ལེགས་གྲུབ་བྱས་ཟིན།

Continue Readingཕྱི་ལོ་༢༠༢༥ལོའི་བོད་ཁྱིམ་ནང་ཁུལ་རིགས་ལམ་འདུ་འཛོམས་ཆེན་མོ།

Inter School Dialectic Meet 2025

དེ་རིང་ཕྱི་ལོ་༢༠༢༥ལོའི་ཟླ་བ་༨པའི་ཕྱི་ཚེས་༡༨ཉིན་དབུས་བོད་མི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་གཏན་ཉིན་སློབ་གྲྭ་ཁག་༢༦གི་རིགས་ལམ་འདུ་འཛོམས་ཆེན་མོ་དེ་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ནང་ཇི་ལྟར་གསོལ་བ་འདེབས་པ་བཞིན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་བྱམས་མགོན་ཏཱའི་སུ་ཏུ་རིན་པོ་ཆེ་མཆོག་སྐུ་མགྲོན་གྱི་གཙོ་བོར་དབུ་བཞུགས་ཐོག དགེ་སློབ་ཡོངས་ནས་དགའ་སྤྲོའི་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་དང་། དེ་དང་ལྷན་སློབ་གྲྭ་ཁག་༢༦གི་ལྟ་གྲུབ་སློབ་དཔོན་དང་། ཤེས་རིག་ལས་ཁུངས་ཀྱི་གནད་ཡོད་མི་སྣ། དེ་བཞིན་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་མཆོག་གཙོས་པའི་དད་ལྡན་སྐུ་མགྲོན་དུ་མ་སྐོམ་པ་ཆུ་འདོད་ལྟར་ཆོས་ཀྱི་བདུད་རྩིས་ཚིམས་པའི་བསྐལ་བཟང་གི་གོ་སྐལ་ཤར་ཡོད།།

Continue ReadingInter School Dialectic Meet 2025