འདི་ལོ་༢༠༢༦ཟླ་བ་༨པའི་ཕྱི་ཚེས་༢༤རེས་གཟའ་ཟླ་བའི་ཉིན། འདི་ག་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ནང་བོད་ཁྱིམ་སློབ་གྲྭའི་བོད་ཡིག་རྒྱུས་སྟོན་པ་བོད་དགེ་ངག་དབང་སྦྱིན་པ་ལགས་ཆེད་དུ་སློབ་གྲྭའི་ནང་ངོ་བཅར་ཞུས་ཏེ། ཚོགས་ཐེངས་ལྔ་པ་ནས་བཞི་པ་དབར་འབྲེལ་ཡོད་ཅོན་ཏ་རའི་བོད་དགེ་རྣམས་དང་ལྷན་དུ་བོད་ཡིག་སློབ་ཚན་གྱི་དཀའ་གནད་དང་། བསླབ་གཞིའི་སློབ་དེབ།ད་དུང་སློབ་ཁྲིད་ཐབས་ལམ། དགེ་རྒན་གྱི་བསམ་ཚུལ་བཅས་བསྡུ་ལེན་ཞུས་ཏེ་བོད་ཡིག་དང་བོད་སྐད་སྐོར་ཕན་ཚུན་བསམ་ཚུལ་བརྗེ་ལེན་ཚགས་ཚུད་བྱུང་།
དེ་ནས་ཉིན་རྒྱབ་ཚོགས་ཐེངས་བདུན་པའི་ཐོག་རྒན་མཆོག་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་ཅོན་ཏ་ར་བོད་ཁྱིམ་དགེ་རྒན་ཡོངས་ལ། ནམ་ལངས་ཉི་ཤར་གྱི་དཔེ་ལྟར་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་བྱུང་རིམ་དང་། ལྟ་གྲུབ། ལག་ལེན་གྱི་སྐོར་ཁ་གསལ་ངང་འགྲེལ་བརྗོད་ཞུ་ཐུབ་པ་བྱུང་ཡོད།



