༄༅། །ཕྱི་ལོ་ ༢༠༢༥ ལོའི་བོད་ཡིག་ཚོགས་ཆུང་གི་དགེ་རྒན་ཆེད་ལས་སྙན་ཐོ།

                   བརྗོད་གཞི།  ༸རྒྱལ་བའི་མཛད་རྣམ་དཔེ་ཀློག

                   དཔེ་དེབ།  ༸རྒྱལ་བའི་མཛད་རྣམ་སྙིང་བསྡུས།

                   མཛད་པ་པོ།  རྣམ་སྤེལ་ཚང་སྐུ་ངོ་བློ་བཟང་སྦྱིན་པ།

ཀ༽ དམིགས་ཡུལ།

  • ཐོག་མའི་དམིགས་ཡུལ་ནི་འདི་ལོ་༸རྒྱལ་བའི་སྐུ་ཡི་གོ་སྟོན་བྱམས་བརྩེའི་ལོ་དང་སྟབས་བསྟུན་ནས་༸རྒྱལ་བའི་གསང་བ་གསུམ་གྱི་མཛད་འཕྲིན་ཐ་དག་ཤེས་པའི་ཐོག་ནས་དད་གུས་དང་སྦྲགས་བཀའ་བཞིན་སྒྲུབ་པའི་མཆོད་པ་སྒྲུབ་ཐབས་ལ་འབད་བརྩོན་ཡོང་བ་ཞིག་བྱུང་ཆེད་དུ་ཁོང་གི་མཛད་པ་རྣམ་ཐར་ལ་རྒྱུས་ལོན་སྦྱང་བརྩོན་འབད་བརྩོན་བྱ་རྒྱུ་བྱས་པ་ཡིན།

  • དེ་བཞིན་སློབ་མ་རྣམས་ལ་༸རྒྱལ་བའི་མཛད་རྣམ་ངོ་སྤྲོད་ལམ་སྟོན་ཞུ་ཆེད་དང་ཐོག་རང་ཉིད་ཀྱི་ཆེད་ལས་དང་འབྲེལ་བའི་༸རྒྱལ་བའི་མཛད་པ་ཆེ་ཕྲ་ཆུང་གསུམ་ལ་ཅི་ལྕོགས་ཤེས་རྟོགས་ཡོང་དགོས་པ་གནད་དུ་བརྩིས་པ་ཡིན།

ཁ༽ ཚོགས་ཐུན་གནང་སྒོ།

  • སློབ་གླིང་འདི་གའི་ནང་གི་སློབ་ཐུན་འགྲོ་ལུགས་གཞི་བཞག་གི་ལས་ཉིན་དང་པོའི་ཚོགས་ཐེངས་ལྔ་པ་དེ་བཞིན་བོད་ཡིག་ཚོགས་ཆུང་གི་དགེ་རྒན་ཁྱད་ལས་ཀྱི་ཚོགས་ཐེངས་ལ་གཏན་འབེབས་བྱུང་བ་བཞིན་དེ་ལུགས་ཞུ་ཡི་ཡོད།

  • བོད་ཡིག་ཚོགས་ཆུང་གི་དགེ་རྒན་ཁྱད་ལས་ཚོགས་ཐེངས་གི་དུས་ཚོད་དེ་བཞིན་གོང་དུ་ཞུས་པ་བཞིན་༸རྒྱལ་བའི་མཛད་རྣམ་དཔེ་ཀློག་ཞུས་པ་གོ་བསྡུར་ཞུ་ཡ་དང་འཚམ་རེ་ཚོགས་ཐེངས་དེ་བཞིན་དགེ་རྒན་སོ་སོ་ངོས་ནས་དཔེ་ཀློག་ཞུ་ཡ་ཡི་ཆེད་དུ་གཏང་བ་ཡིན།

  • དེ་བཞིན་འཚམས་རེ་བོད་དགེ་ནང་ཁུལ་ཁྱད་ལས་དང་འབྲེལ་བའི་གནད་དོན་སྐོར་ལ་ཡང་དུས་ཚོད་གཏོང་ཐབས་ཞུ་ཡི་ཡོད།

ག༽ དཔེ་དེབ།

  • ༸རྒྱལ་བའི་མཛད་རྣམ་དཔེ་ཀློག་ཆེད་དཔེ་དེབ་འདིར་ཁྱོན་བསྡོམས་བརྗོད་གཞི་ཚན་པ་ ༧༩ ཡོད་ཅིང་། ང་ཚོ་བོད་ཡིག་ཚོགས་ཆུང་ངོས་ནས་བརྗོད་གཞི་ཁག་དཔེ་ཀློག་བརྒྱུད་༸རྒྱལ་བའི་གསང་གསུམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་ཁག་ལ་ཤེས་རྟོགས་རྒྱུས་ལོན་བྱས་པ་ཡིན།

  • ༸རྒྱལ་བའི་མཛད་པ་ཁག་ལས་ཆུང་དུས་ཀྱི་དམིགས་གསལ་ཅན་གྱི་མཛད་པ་དམིགས་གསལ་ཅན་མང་དག་ཅིག་འདུག་པས་དེ་དག་ལ་རྒྱུས་ལོན་དང་། ཕན་ཚུན་མཉམ་སྤྱོད། བརྒྱུད་སྤྲོད་སོགས་ཞུས་པ་ཡིན།

མདོར་ན། འདི་ལོ་༸རྒྱལ་བའི་སྐུའི་གོ་སྟོན་སྲུང་བརྩི་དང་སྦྲགས། ང་ཚོ་བོད་ཡིག་ཚོགས་ཆུང་ནས་གོང་ཞུས་༸རྒྱལ་བའི་མཛད་རྣམ་དཔེ་དེབ་དེ་བཞིན་དཔེ་ཀློག་བརྒྱུད་རང་ཉིད་ལ་ཤེས་བྱ་ཐོབ་ཐབས་དང་། དེས་སློབ་ཕྲུག་ཚོ་ལ་བརྒྱུད་སྤྲོད་ཚད་ལྡན་ཡོང་ཐབས་ལ་ཁྱད་ལས་གོང་མཐོར་ལ་འབད་བརྩོན་ཞུས་པ་ཡིན།

བོད་ཡིག་ཚོགས་ཆུང་གི་ཚོགས་གཙོ་སྲིད་གཅོད་ཚེ་འཕེལ་ནས་ཟླ་ ༡༢ ཚེས་ ༢༥ ཉིན་དགེ་བར་

                                                                                        ཕུལ།

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed