ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བྱམས་བརྩེ་གོ་སྟོན་ལོ་སྲུང་བརྩི་དང་སྦྲགས། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མ་སྲུང་བརྩི་ཞུས་ཡོད། ལས་རིམ་འདི་བཞིན་སློབ་གྲྭའི་འཛིན་སྐྱོང་གིས་ལམ་སྟོན་འོག་བོད་ཡིག་ཚོགས་ཆུང་གི་གོ་སྒྲིག་གིས་འཛིན་དགེ་རྣམ་པ་གཙོས་པའི་དགེ་རྒན་ཚང་མས་བདུན་ཕྲག་གཉིས་ཙམ་གྱི་ནང་དུ་སློབ་མ་ཚོ་ལ་ལམ་སྟོན་སློབ་ཁྲིད་དང་ངོ་སྤྲོད་འགྲེལ་བརྗོད་བརྒྱུད་སློབ་སྤེལ་ཞུས་པའི་ལས་རིམ་ཞིག་ཡིན། འདི་ལོའི་བརྗོད་གཞི་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་གསང་གསུམ་མཛད་པ་འབྲེལ་བའི་གོ་སྟོན་སྲུང་བརྩི་ལ་དམིགས་པ་ཡིན། ཉིན་འཁྱོངས་ལས་རིམ་ཁྲོད་ཆོས་ཕྱོགས་བསང་གསོལ་ལྷ་རྒྱལ་མཚོན་པའི་དཀར་ཕྱོགས་དགེ་སྐུལ་དང་། རིག་གཞུང་གླུ་གཞས་འཁྲབ་སྟོན། ངག་རྩལ་གཏམ་བཤད་དང་གཏམ་བརྗོད། གཏམ་གླེང་། གཏམ་དཔེ། བསྟོད་ཚིག་གྱེར་འདོན། མཛད་རྣམ་འགྲེལ་བརྗོད་དང་དྲི་རྩད་སོགས་སྣ་མང་བརྒྱུད་ཤེས་བྱ་བློ་བསྐྱེད་ཡོང་ཐབས་ཞུས་པ་ཡིན། མཛད་རིམ་འདི་ཡིས་བརྒྱུད་ནས་སློབ་མ་གཙོས་པའི་མང་དག་ཞིག་ལ་བློ་བསྐྱེད་གསར་པ་དང་། ཤེས་བྱ་གསར་པ་མང་དག་ཞིག་བརྒྱུད་སྤྲོད་ཐུབ་པ་བྱུང་སོང་།



