རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། །
རྒྱལ་བསྟན་སྐྱོང་ཕྱིར་མི་ཡི་ཚུལ་གཟུང་བ། །
རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་མཆོག། །
སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་འདུན་ཞུས།།
དེ་རིང་ཕྱི་ལོ་༢༠༢༦ཟླ་བ་༧པའི་ཚེས་༦ ཏེ། བོད་མི་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་འགྱུར་བ། ས་སྟེང་ཡོངས་ཀྱི་མངའ་བདག་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་འཁྲུངས་སྐར་ཉིན་མོའི་རྟེན་འབྲེལ་དང་སྟབས་བསྟུན་ནས། དེ་རིང་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ནང་ལས་སློབ་ཡོངས་རྫོགས་ཞོགས་པ་སྔ་ལངས་ཀྱིས་ཚོགས་ཁང་ནང་བསངས་གསོལ་འཕྲིན་སྐུལ་དང་། སྨོན་ལམ་མཆོད་འབུལ། དེ་བཞིན་དངོས་གཞིའི་མཛད་སྒོའི་སྐབས་འགན་འཛིན་ལྷན་ཚོགས་ནས་ནས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་པར་བརྙན་འབུར་མཐོང་གྲོལ་རིན་པོ་ཆེ་མཆོག་ཚོགས་ཁང་ནང་གདན་འདྲེན་ཞུས་ནས། ལས་སློབ་ཡོངས་ནས་དཀར་གཙང་གི་མཇལ་དར་སྒྲོན་གནང་ནས་སྨོན་ལམ་འདོན་གནང་བ་དང་། དེ་ནས་བཀུར་འོས་སློབ་སྤྱི་མཆོག་ནས་བཀའ་སློབ་ལམ་སྟོན་དང་གཞས་དང་ཞབས་བྲོའི་ལས་རིམ་དབུ་འཛུགས་ཞུས་ནས་ཁོར་ཡུག་ཡོངས་རྫོགས་དགའ་སྤྲོ་དང་སྤྲོ་སེམས་འཁོལ་བའི་སྣང་བས་ཁྱབ་པ་བྱུང་།
དེ་ནས་ཉིན་རྒྱབ་ཉིན་ཟས་མཆོད་རྗེས་དགེ་སློབ་ནང་ཁུལ་རྐང་རྩེད་སྤོ་ལོའི་རྩེད་འགྲན་གནང་བ་དང་། ཉིན་མོ་དགའ་སྤྲོའི་ངང་མཇུག་རྫོགས་པར་བྱས་ཡོད།🌸

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed